སེམས་ཅན་ཐམས་ཅད་ཀྱི་ཕན་པའི་ཆེད་དུ་ནང་ཆོས་གོང་འཕེལ་གཏོང་བ།
BUDDHIST ACTIVITIES
ལོ་ངོ་ ༥༨༠ ལྷག་རིང་རྒྱུད་སྨད་གྲྭ་ཚང་གི་དགེ་འདུན་པ་རྣམས་ནས་རྒྱུད་ཀྱི་འཆད་ཉན་རྣམས་ཧ་ཅང་གི་འབད་བརྩོན་ཐོག་བོད་གངས་ཅན་ལྗོངས་ནས་ཕེབས་པའི་དགེ་དགེ་འདུན་རྒན་པ་རྣམས་ཀྱིས་རླབས་ཆེན་གྱི་དགེ་བའི་བཤེས་གཉེན་རྣམ་པས་རིམ་བཞིན་ཐུགས་ཁུར་ཆེ་བཞེས་ཀྱི་མདོ་སྔགས་ཀྱི་བསླབ་པ་སློབ་གཉེར་ཡོངས་རྗོགས་མི་ཉམས་གོང་འཕེལ་དང་ཉམས་པ་སླར་གསོ་གནང་ཡོད།
དེང་རབས་སྤྱི་ཚོགས་ནང་ཕྱི་དངོས་པོ་ལ་དོ་སྣང་དང་ཡར་རྒྱས་ཆེན་པོ་འགྲོ་བཞིན་པའི་སྐབས་ཡིན་ཡང། སྨད་རྒྱུད་གྲྭ་ཚང་འདི་ཉིད་ནས་དངོས་གཙོ་ལས་སེམས་གཙོ་སྨྲ་བའི་ལུགས་འཛིན་ནས།
དཀའ་ངལ་ལ་གདོང་ལེན་བྱས་ཏེ་སྔོན་གྱི་སྲོལ་རྒྱུན་བཟང་པོ་བདག་ཉར་ལ་གལ་ཆེར་བཟུང་ནས་ལག་ལེན་དང་འཛིན་སྐྱོང་སྤེལ་གསུམ་གནང་བཞིན་པ་རེད།
རྒྱ་གར་ལྷོ་ཕྱོགས་དང་རྡ་ས་དེ་བཞིན་ལྷ་ས་བཅས་མིན་པའི། ཨ་རི། ཐེཡེ་ཝན། རེ་ཤི་ཡ་སོགས་ཀྱི་ནང་པའི་ཆོས་ཚོགས་དང།
སློབ་གྲྭ། སྤྱི་ཚོགས་ནང་སྨད་རྒྱུད་པའི་དགེ་འདུན་དང་དགེ་བཤེས་ཕེབས་བཞུགས་གནང་བཞིན་པ་རེད།