600-year tradition of excellent Sutra and Tantra studies
བོད་སྐད་
|
简中
|
繁中
|
English
|
Русский
Lineage
Lineage Preservation
Masters & Organization
|
School for Monks
Education System
Monastic Life
Retreat
Buddhist Activities
|
School for Laymen
Course Program
Enrollment
Student Life
|
Schedule
|
News
|
Albums
GTU
School for Monks
School for Laymen
Others
|
Contact Us
Transportation
Address and E-mail
Donation
Lineage
Lineage Preservation
Masters & Organization
School for Monks
Education System
Monastic Life
Retreat
Buddhist Activities
School for Laymen
Course Program
Enrollment
Student Life
Schedule
News
Albums
GTU
School for Monks
School for Laymen
Others
Contact Us
Transportation
Address and E-mail
Donation
བོད་སྐད་
|
简中
|
繁中
|
English
|
Русский
གངས་ཅན་རིག་གནས་སོབ་གྲྭའི་སྐོར།
SCHOOL OF SNOWLAND TIBETAN STUDIES
ཐོག་མར་སྤྱི་ལོ་༡༩༥༩ བོད་ཟླ་བཞི་པའི་ནང་བོད་ནས་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕེབས་རྗེས་སུ་བསྙེགས་ཏེ། རྒྱ་གར་བྱང་ཕྱོགས་སུ་ཌལ་ཧོར་དུ་ཕེབས་ཡོད་ཅིང།
དེ་ནས་སྤྱི་ལོ་ ༡༩༧༢ ལོར་རྒྱ་གར་ལྷོ་ཕྱོགས་ཧུན་སུར་ཁོངས་གུ་རུ་པུ་ར་རུ་གནས་སྤོས་གནང་སྟེ། འཛམ་གིང་ཁྱོན་ཡོངས་ནས་དགེ་འདུན་པ་མང་པོ་ལ་མདོ་སྔགས་ཀྱི་སློབ་སྦྱོང་གནང་སའི་བསྟི་གནས་ཤིག་ཏུ་འཛུགས་སྐྲུན་གནང་ཡོད་པ་རེད།
སྨད་རྒྱུད་གྲྭ་ཚང་དུ་སློབ་གྲྭ་ཁག་གཉིས་ཡོད་པ་ནི། མདོ་སྔགས་བཤད་སྒྲུབ་སོབ་གཉེར་ཁང་དང།གངས་ཅན་རིག་གནས་སློབ་གྲྭ་སྟེ་གཉིས་རེད།
དང་པོ་ནི་གྲྭ་ཚང་རང་གི་དགེ་འདུན་པའི་སློབ་གཉེར་ཁང་དང། གཉིས་པ་ནི་མི་རིགས་དང་ཕོ་མོ་སོགས་ཀྱི་དབྱེ་བ་མེད་པར་ཁྱིམ་པ་མང་ཚོགས་ཀྱི་ཆེད་དུ་ཡིན་པ་དང།
དེ་ནི་ཐོག་མར་༸གོང་ས་ཆེན་པོའི་ལམ་སྟོན་བཀའ་སློབ་ཕེབས་པར་བརྟེན་གསར་འཛུགས་གནང་བ་རེད།
ཕྱི་ལོ་ ༢༠༠༧ སྤྱི་ཟླ་ ༠༡ པོའི་ནང་གྲྭ་ཚང་སློབ་གཉེར་ཁང་གི་འཛིན་ཁང་སོགས་ལེགས་པར་ཟིན་ཏེ་དབུ་འབེད་མཛད་སྒོར་གདན་ཞུས་ལྟར་ཕེབས་སྐབས།༸གོང་ས་མཆོག་ནས་ཁྱེད་རང་་ཚོ་དགོན་པའི་གནས་སྟངས་གང་ལེགས་ཆགས་འདུག་པས།
ད་ཁྱིམ་པ་མང་ཚོགས་ལ་བོད་ཀྱི་ཆོས་དང་རིག་གཞུང་སློབ་སྦྱོང་བྱེད་སའི་བསྟི་གནས་ཤིག་གསར་དུ་འཛུགས་སྐྲུན་བྱེད་ཐུབ་ན་ཡག་པོ་ཡོད་པའི་བཀའ་སློབ་ནན་ཙམ་གནང་ཡོད།
དེ་ལྟར་༸གོང་ས་མཆོག་གི་དགོངས་བཞེད་ལྟར་གནའ་རབས་དཔལ་ན་ལཎྜའི་ཆོས་བརྒྱུད་དྲི་མ་མེད་པ་བོད་གངས་ཅན་ལྗོངས་སུ་ཚང་ལ་མ་ནོར་བ་དར་ཁྱབ་ཡོད་པ་དེ་དག་དེང་རབས་འཛམ་གླིང་མི་མང་ལ་ཕན་ཐོགས་ངེས་ཅན་ཡོང་རྒྱུར་བརྟེན།
དེ་དག་གི་ཆེད་དུ་གངས་ཅན་རིག་གནས་སློབ་གྲྭ་འདི་ཆེད་བཙུགས་བསྐྱངས་པ་ཆགས་ཡོད།
དོན་དེ་དག་ལ་བརྟེན་ནས་གྲྭ་ཚང་གི་དབུ་གཙོ་མཁན་བླ་ལས་སྣེ་དང་སློབ་སྤྱི་དགེ་ལས་བཅས་གནད་ཡོད་མི་སྣ་ལྷན་ཚོགས་གནང་སྟེ་སློབ་ཁང་དང་སློབ་ཚན་སོགས་གང་ཅིའི་ལག་བསྟར་ཞུ་རྒྱུར་བཀའ་་བསྡུར་ལྷུག་པོར་གནང་སྟེ་གྲོས་འཆམ་བྱུང་དོན་བཞིན་དངོས་སུ་འགོ་འཛུགས་གནང་སྟེ།
སློབ་ཁང་གསར་རྒྱག་སོགས་ཕྱི་ནང་གི་འཛུགས་སྐྲུན་རྣམས་ལེགས་པར་གྲུབ་སྟེ་སྤྱི་ལོ་ ༢༠༡༠ སི་ཟླ་༠༤ཚེས་༢༨ཉིན་སློབ་སྤྱི་དགེ་བཤེས་སྔགས་རམས་པ་ཚེ་རིང་བཀྲིས་སོགས་ནས་ནང་ཆོས་ངོ་སྤྲོད་དང་པོ་དེ་གནང་ཡོད།
སྤྱི་ལོ་༢༠༡༡སྤྱི་ཟླ་༡༢ཚེས་༠༧ཉིན་༸གོང་ས་མཆོག་ནས་སློབ་གྲྭ་དབུ་འབྱེད་དང་རབ་གནས་གནང་ཞིང་སློབ་གྲྭའི་མཚན་བྱང། གངས་ཅན་རིག་གནས་སློབ་གྲྭཞེས་གསོལ་སྩལ་གནང་ཡོད།
ཡུ་རོབ་དང་། ཨ་རི། རེ་ཤི་ཡ། སོག་པོ་དང་། ཨེ་ཤི་ཡ་སོགས་ཡུལ་གྲུ་ཁག་ནས་འདིར་སློབ་སྦྱོང་བྱེད་དུ་ཕེབས་མཁན་རྣམས་ལ། གངས་ཅན་རིག་གནས་སློབ་གྲྭ་འདི་ཉིད་ཀྱི་ཁོར་ཡུག་མཛེས་ཤིང་ཡིད་དུ་འོང་བ།སློབ་ཁང་དང་སྡོད་ཁང་། དགེ་རྒན་རྣམས་ཡག་པོ་ཡོད་ལ།
མ་ཟད་ད་ལྟའི་བར་དུ་༸གོང་ས་མཆོག་དང། ད་ལྟའི་དགའ་ལྡན་ཁི་རིན་པོ་ཆེ་སློ་བཟང་བསྟན་འཛིན་མཆོག སྐྱབས་རྗེ་ཟམ་གདོང་རིན་པོ་ཆེ། གླིང་རིན་པོ་ཆེ། ཀུན་བདེ་གླིང་རིན་པོ་ཆེ་སོགས་ཕེབས་ཏེ་ནང་ཆོས་ངོ་སྤྲོད་གནང་ཡོད་ལ།
རྒྱལ་སྤྱིའི་གློག་བརྙན་འཁྲབ་སྟོན་པ་གྲགས་ཅན་རི་ཅ་ཀྲི་གྷི་རི་སོགས་གལ་ཆེའི་མི་སྣ་ཡང་མང་དུ་ཕེབས་ཏེ་བཀའ་སློབ་ལམ་སྟོན་གནང་ཡོད།
"School of Snowland Tibetan Studies" offers prominent learning environment and teachers,
accepting and accommodates students from Europe, America, Russia, Magnolia and Asia.
So far, His Holiness the Dalai Lama, the current Gaden Tripa (Lobsang Tenzin), Samdhong Rinpoche,
Ling Rinpoche, Kundeling Rinpoche, and other eminent monks and the international super star Richard Gere
who spare no efforts in Tibetan culture preservation and support human rights all came here and gave Buddhism teaching and speeches.