མཚམས་བསྙེན་སྒྲུབ།
RETREAT
ནང་ཆོས་སློབ་སྦྱོང་གང་འཚམས་ཟིན་ནས། རྗེས་སུ་མཚམས་བསྙེན་སྒྲུབ་བྱེད་རྒྱུ་ནི་སྐྱ་སེར་གཉིས་ཀར་ཤིན་ཏུ་གལ་ཆེ་བ་ཡིན།
དེ་ལ་སྒོམ་གྱི་ཏིང་ངི་འཛིན་བརྟན་པོ་ཡོང་ཆེད་དུས་ཚོད་བཟང་ལ། གནས་ཀྱང་དབེན་པ་ཞིག་དགོས་པ་རེད།
སྨད་རྒྱུུད་གྲྭ་ཚང་དུ་དུས་ཡུན་རིང་ཐུང་ཅི་རིགས་ཀྱི་སྒོ་ནས་མཚམས་ལ་བཞུགས་དགོས་པ་ནི་དུས་ཐུང་། དུས་འབྲིང་དང་ཡང་ན་སོ་སོའི་གནས་ཚད་དམ་སོ་སོའི་དགེ་རྒན་གྱི་བཀའ་སློབ་ལམ་སྟོན་ལྟར་མཚམས་བསྙེན་སྒྲུབ་བྱ་དགོས།
དེ་དག་གི་ཕན་ཡོན་དང་། གཞན་ལ་ཕན་སེམས་དང་གོམས་གཤིས་ཡག་པོ་ཡོང་བར་ཤུགས་སྣོན་ཆེན་པོ་ཡོང་གི་ཡོད། དུས་ཡུན་ཐུང་ངུའི་མཚམས་བཞུགས་པ་དེས། སེམས་བཟང་པོ་བྱེད་ཐུབ་རྒྱུའི་ས་བོན་བཏབ་པ་བཞིན་ཆགས་པར།
འབྱུང་འགྱུར་མི་ཚེ་ནང་ཆོས་ཉམས་ལེན་གྱི་གོ་སྐབས་ཐོབ་རྒྱུ་ཡིན། མཚམས་བསྙེན་སྒྲུབ་ཀྱི་རྗེས་སུ་སེམས་ཅན་ཐམས་ཅད་ལ་ཕན་པར་ཡོང་རྒྱུ་དང་།
ཁོ་ཚོའི་སྡུག་བསྔལ་རྣམས་མེད་པར་བཟོ་རྒྱུར་ཤེས་རབ་ཀྱི་ནུས་སྟོབས་ཆེན་པོ་ཡོང་ཐུབ་པར་ཆགས་ཀྱི་ཡོད།