གྲྭ་ཚང་གི་གནས་སྟངས།
MONASTIC LIFE
གྲྭ་ཚང་འདིའི་གསང་སྔགས་སློབ་སྦྱོང་བྱེད་མཁན་གྱི་གང་ཟག་ལ་གཉིས་ཡོད་དེ།
དང་པོ། གདན་ས་གསུམ་ནས་དགེ་བཤེས་སློབ་ཐོན་པ་རྣམས་ལོ་གཅིག་རིང་སྨད་རྒྱུུད་གྲྭ་ཚང་གི་སྒྲིག་ཁོངས་སུ་ཞུགས་ཏེ་སྔགས་ཀྱི་སློབ་གཉེར་དང་འཆད་ཉན་གནང་ཞིང།
ལོ་གཅིག་རྗེས་སྔགས་ཀྱི་རྒྱུགས་སྤྲོད་གནང་ནས་སྔགས་ཀྱི་ཕྱག་ཁྱེར་སོན་པ། དེ་ནས་རང་གི་གདན་སར་ཕེབས་ནས་བཞུགས་པ་དང།
ཡང་དགེ་བཤེས་འགའ་རེ་འདིར་གྲྭ་ཚང་དུ་མུ་མཐུད་མཚམས་བསྙེན་སྒྲུབ་སོགས་གནང་ནས་བཞུགས་མཁན་ལ་ཟེར།

གཉིས་པ། ཐོག་མ་ཉིད་ནས་རྒྱུད་སྨད་གྲྭ་ཚང་སྒྲིག་ཁོངས་སུ་ཞུགས་ནས་ཆོ་ག་ཕྱག་ལེན་དང་བསྐྱེད་རྗོགས་སོགས་ལ་སློབ་གཉེར་གནང་སྟེ་བཞུགས་མཁན་རྣམས་བསྐྱེད་རིམ་པ་ཞེས་ཟེར་ཞིང།
དེ་ཡང་གྲྭ་ཚང་གི་སློབ་གྲྭར་ལོ་རིམ་དང་པོ་བསྡུས་གྲ་ནས་འཛིན་གྲྭ་ལོ་ ༡༠ རིང་མདོ་ཕྱོགས་དང་ལོ་༥རིང་སྔགས་ཕྱོགས་ཀྱི་སློབ་སྦྱོང་བྱས་ནས་ལོ་ལྟར་ལོ་འཁོར་རྒྱུགས་སྤྲོད་གཏོང་བ་དང་།
མཐར་དགེ་བཤེས་སྔགས་རམས་པའི་རྒྱུགས་སྤྲོད་ཀྱི་དམ་འཇོག་གནང་ཏེ་དགེ་བཤེས་སྔགས་རམས་པའི་ཕྱག་ཁྱེར་བཞེས་མཁན་ཞིག་ལ་བསྐྱེད་རིམ་པ་ཟེར།
Currently, it requires 15 years to complete the study.
(learning Sutra for 10 years, Tantra 5 years)
The monks who pass the advanced stage examination are entitled Geshe Ngarampa, the highest level of Geshe degree.

དགེ་བཤེས་སྔགས་རམས་པ།