ཤེས་ཡོན།
EDUCATION SYSTEM
གྲྭ་ཚང་གི་སློབ་གྲྭ། མདོ་སྔགས་བཤད་སྒྲུབ་སོབ་གཉེར་ཁང་དུ་ལོ་ངོ་༡༥རིང་མདོ་སྔགས་ཀྱི་གཞུང་ཆེན་ཁག་དང་།
རིགས་ལམ། ཕྱག་ལེན། ཞོགས་ལྟར་དཔེ་ཆ་བློ་འཛིན། མ་ཟད་ཉིན་ལྟར་སྔ་དྲོ་དང་ཉིན་རྒྱབ་ཏུ་འཛིན་གྲྭ་འཚོགས་ཏེ་རིག་གནས་སློབ་ཚན་བོད་ཡིག་དབྱིན་ཇི།
རྒྱ་ཡིག་དང་ཚན་རིག་སློབ་ཚན་རྣམས་སློབ་དགོས། དགོང་དྲོ་ཕྱག་ཚོད་༦ནས་༩བར་དམ་བཅའ་འཚོག་རྒྱུ་དང་སྐབས་དེར་རྩོད་གླེང་གནང་རྒྱུུ།
ཟླ་རེར་དམ་བཅའ་ཆེན་མོ་དང་སྐྱོར་སྦྱང་ཆེན་མོ་ཐེངས་རེ་འཚོག་བཞིན་ཡོད།
ཆོ་ག་ཕྱག་ལེན་སློབ་ཚན་རྣམས་ཉུང་ཐར་ལོ་དྲུག་རིང་སྦྱང་བརྩོན་བྱེད་དགོས་པར། དེ་ནང་ཐིག་རྡུལ་ཚོན་དང་བློས་བསླང་དཀྱིལ་འཁོར།
གཏོར་བཟོ་དཀར་རྒྱན་དང་ཕྱག་རྒྱ་གནང་སྟངས་མཚོན་པས་རོལ་མོ་དང་གཞན་མཆོད་བཞེངས་སྣ་ཚོགས་ལ་སྤྱོང་བརྡར་གནང་དགོས།